མཁན་ཆེན་བླ་མའི་ཞལ་གདམས་ཐུང་བཀོད་། དང་པོ།


 

འཆིང་སེམས་ལས་གྲོལ་བའི་ཕྱག་ཡངས་འདི་ལྟར་རྐྱོངས་དང་ཚོགས་ཆེན་རླབས་པོ་ཆེ་ངང་གིས་རྫོགས་ཐུབ།

སྦྱིན་པ།

བྱང་ཆུབ་འདོད་པས་ལུས་ཀྱང་གཏོང་དགོས་ན། །ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས། །ཞེས་གསུངས་པས། རང་ཉིད་ནང་པའི་རྗེས་འཇུག་ཅིག་ཡིན་པའི་རྒྱུ་མཚན་གྱིས། དམན་ཞིང་འབྱོར་བས་ཕོངས་པ་དག་ལ་བརྩེ་སྐྱོང་རེ་མ་བྱས་ན་རང་གི་ངོ་ལྤགས་བརླག་འགྲོ་སྙམ་དུ་བསམ་པས་སྦྱིན་པ་གཏོང་བར་མི་བྱ། ཆོས་ལུགས་གཞན་དག་དང་མཚན་ཉིད་རིག་པའི་ཀུན་སློང་གིས་སྦྱིན་པ་གཏོང་ཡང་དམ་པའི་ཆོས་ཀྱི་སྦྱིན་པ་དང་མི་འདྲ། སྦྱིན་པ་བྱེད་པའི་སྙིང་དོན་ནི་རང་གི་ཆགས་ཞེན་རྩ་བརླག་ཏུ་གཏོང་བ་དེ་ཡིན་པས། རང་ལ་མི་མཁོ་ཞིང་གལ་མི་ཆེ་བའི་དངོས་པོ་རྩ་ཆེ་ཆུང་གང་ཡིན་རུང་གཞན་ལ་བཏང་བ་ནི་སྦྱིན་པ་རྣམ་དག་གི་ཁུངས་སུ་མི་འགྲོ།

སྦྱིན་པའི་ཐབས་ལ་བརྟེན་ནས་རང་རྒྱུད་ཀྱི་འཛིན་པ་དང་ཆགས་ཞེན་ལྡོག་དགོས་པས། དོན་གྱིས་གཞན་ལ་སྦྱིན་པ་ཞེས་པ་ཞིག་ནམ་ཡང་གྲུབ་མེད་ན། རང་ཉིད་ཆེས་མཐོ་སར་འཛེགས་ནས་དམན་པ་རྣམས་སྐྱོང་བ་དང་བྱ་བ་རླབས་ཆེན་བསྒྲུབས་ཡོད་བསམ་པ་སོགས་དགོས་པ་མེད་ལ། དུས་ཡུན་རིང་པོར་སྦྱིན་པའི་འབྲས་བུ་ལ་མནོ་བསམ་བྱེད་པ་ཡང་དགོས་པ་མེད།

སྦྱིན་པ་ནི་རང་གི་ནུས་པའི་ཁྱབ་ཁོངས་ནས་གཏོང་ན་ཆོག་སྟེ། གལ་ཏེ་གཞན་པ་ལ་མཁོ་རྒྱུ་ཞིག་རང་ལ་ཡོད་ན་དེ་ཉིད་གཏང་དགོས། སྦྱིན་པའི་སླད་དུ་རང་གིས་ནོར་དང་དངོས་པོ་གསོག་ཆོག་ཀྱང་། སྦྱིན་པ་བྱེད་པ་རང་ངོས་ནས་འཛིན་པར་གྱུར་སོང་ཚེ་དེ་ནི་སྦྱིན་པའི་རྩ་དོན་དང་འགལ་འགྲོ། མདོར་ན། ཡོད་པའི་དངོས་པོ་རྣམས་ཕངས་མེད་དུ་གཞན་ལ་གཏོང་ཕོད་ཆེ་བ་དང་། རང་ལ་མེད་པ་དག་ལ་ཞེན་ཆགས་མ་སྐྱེས་པར་ཆོག་ཤེས་རྒྱུད་ལ་ལྡན་ཚེ། དེ་ནི་ཆེས་མཆོག་ཏུ་གྱུར་པའི་སྦྱིན་པ་ཡིན།

གོང་དུ་བཤད་པ་རྣམས་ནི་ཟང་ཟིང་གི་སྦྱིན་པའི་ཐད་ནས་ཡིན། དེ་དང་འདྲ་བར་ཚེ་ཐར་སྲོག་བླུ་ལྟ་བུ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། ཆོས་འཆད་པ་ལྟ་བུ་ཆོས་ཀྱི་སྦྱིན་པ་གཉིས་ཀྱང་ཤིན་ཏུ་རླབས་ཆེན་ཆགས་ཡོད།

 

གཡོ་མེད་ཀྱི་དཔངས་མཐོའི་རི་བོ་འདིའི་འགུལ་ན་ཁྱོད་ཀྱིས་བཙན་རྫོང་ཆོས་དང་རྣམ་རྟོག་གི་དུས་མཐའི་རླུང་བུས་སྒུལ་ཙམ་ཡང་མི་ནུས།

བསམ་གཏན།

བསམ་གཏན་ནི་རྣམ་རྟོག་གིས་མི་གཡོ་བར་གཡེང་མེད་དུ་རྩེ་གཅིག་ཏུ་གནས་པ་ལ་ཟེར། སྤྱིར་བཏང་བསམ་གཏན་ལ་རྩ་བ་ནས་བློ་སྦྱངས་མ་མྱོང་མཁན་ཞིག་གིས་རང་སེམས་སྐད་ཅིག་ཙམ་ལ་ཡང་བདག་བཟུང་བྱེད་ཐུབ་དཀའ་ཞིང་། རང་དབང་མེད་པར་རྣམ་རྟོག་གི་དྲ་བ་ཕྱི་རོལ་གྱི་ཁམས་སུ་མཆེད་སླ་བས། གང་ལ་ཡང་མི་གཡེང་བར་དམིགས་བྱ་གཅིག་ལ་ཡིད་གཏད་ཐུབ་པ་ནི་ཕལ་ཆེར་མི་སྲིད་པའི་དཔེ་རེད། ལས་དང་པོ་པའི་ངོས་ནས་བཤད་ན། ས་ཕྱོགས་དབེན་པ་རྣམས་སུ་བསླུ་བྲིད་དང་འུར་ཟིང་མེད་པས། དེ་ནི་ཏིང་འཛིན་གྱི་ཕུགས་བསམ་མངོན་དུ་འགྱུར་སའི་དག་ཞིང་ཡིན། དེའི་ཕྱིར་ན་རྣལ་འབྱོར་གོང་མ་རྣམས་ཀྱིས་ཀྱང་དབེན་གནས་ཀྱི་ཡོན་ཏན་མང་དུ་གསུངས་ཡོད། གལ་ཏེ་ཁྱེད་ཉིད་དུས་ནམ་ཡང་ཕྱིན་ཅི་མ་ལོག་པའི་དམིགས་བྱ་དང་མི་འབྲལ་བར་གནས་ཐུབ་ན། སྒོ་གསུམ་གྱི་བྱ་བ་མཐའ་དག་བསམ་གཏན་གྱི་བྱ་བ་ཡིན་ཆོག

མི་ཤིགས་རྡོ་རྗེའི་གོ་ཆ་འདི་ཁྱོད་ཀྱིས་བགོས་དང་བདུད་སྡེ་བྱེ་བས་གཡུལ་བཤམས་ཀྱང་ནམ་ཡང་གླགས་རྙེད་མི་སྲིད།

བཟོད་པ།

ཚུལ་མཐུན་གྱི་སྤྱོད་པ་དེ་ཡང་ངེས་པར་ཡང་དག་པའི་འདུ་ཤེས་ཡུན་བརྟན་དུ་གནས་དགོས་པའི་སླད་དུ་ཡིན་པ་ལྟར། དོན་དག་ཅི་བྱུང་ན་འཕྲལ་མར་ཁ་ཚོན་མི་གཅོད་པ་དང་རྒོལ་བ་མི་བྱེད་པ་ནི་བཟོད་པའི་དོན་སྙིང་ཡིན། བཟོད་པས་ང་ཚོས་གནས་ཚུལ་ཅི་ཡིན་ཡང་དང་ལེན་བྱེད་ཐུབ་ལ། ཁོར་ཡུག་གང་ལའང་འཕྲོད་པར་བྱེད་ཐུབ། ལྷག་ཏུ་ཐེག་ཆེན་གྱི་གང་ཟག་རྣམས་ཀྱིས་ནམ་ཡང་གུ་ཡངས་ཀྱི་སེམས་རྒྱུད་ལ་འཆང་ཡོད་ཕྱིར། ཁོང་ཅག་ལ་གཡོལ་དགོས་ས་དང་འཇིགས་དགོས་ས་གང་ཡང་མེད་པས་འཚེར་སྣང་བྱ་ས་ཡང་མེད་པ་ཡིན། ཁོང་ཅག་གི་ཐུགས་ཡིད་ནི་ཁོད་ཆེ་ལ་བརྩེ་བ་ཟབ་པས། དོན་དག་ཡོད་ཚད་འཚེར་དོགས་དང་དཀའ་སྣང་མེད་པར་ཤོང་ནུས། བཟོད་པའི་ཕར་ཕྱིན་ལ་སློབ་པའི་གང་ཟག་རྣམས་ནི་ས་ཆེན་པོ་དང་ཀུན་ནས་འདྲ་སྟེ། དེས་བྱ་དངོས་མཐའ་དག་གི་ཁུར་བོ་ཐེག་ཕྱིར། ནམ་ཡང་བྱ་དངོས་མཐའ་དག་གི་རྐང་འོག་ཏུ་གློ་ཉལ་བྱས་ཡོད།

རྨིག་བཞི་རླུང་ལ་སྦྱིན་པའི་རྟ་མཆོག་འདི་ཁྱོད་ཀྱིས་གྲོགས་སུ་ཁུགས་དང་གཏན་བདེའི་གླིང་ག་རུ་བདེ་བླག་ཏུ་བགྲོད་ཆོག

བརྩོན་འགྲུས།

སྦྱིན་པ་བརྒྱུད་ནས་ང་ཚོས་ཞེན་ཆགས་བློས་གཏོང་བྱས་ཚར། ཞེན་ཆགས་ཇེ་ཉུང་དུ་བཏང་རྗེས་སྤྱོད་པས་ཀྱང་འཚེ་བ་བྱེད་པ་ཇེ་ཉུང་འགྲོ་བས་དེ་ནི་ཚུལ་ཁྲིམས་དང་། དེ་ནས་ཁོང་ཁྲོའི་རྟོག་པ་ལས་སླ་མོས་སྐྱེ་རུ་མི་འཇུག་པར་འགོག་པ་ནི་བཟོད་པ་ཡིན། དེ་ལ་བརྟེན་ནས་བྱུང་བའི་འཚོ་བའི་འགྱུར་རིམ་ལ་མི་རྣམས་དགའ་སྤྲོས་བརྟས་ཏེ་ཡོད་ཕྱིར། ད་ནི་ང་ཚོ་ཕྱིན་དྲུག་གི་ནང་ནས་རིམ་པ་གསར་པ་ཞིག་ལ་བསླེབས་ཡོད། དེ་ནི་ཆོས་ཉམས་ལེན་ལ་རྒྱུན་འཁྱོངས་དང་སྤྲོ་བ་ཡོད་པ་དེའོ། །བརྩོན་འགྲུས་ཞེས་པ་ཡང་དམིགས་ཡུལ་གང་ཞིག་གི་ཆེད་དུ་ངེས་པར་ཧུར་ཐག་མ་བྱས་ན་མི་ཆོག་པའི་བྱ་བ་ཞིག་མ་ཡིན་པར། ཤེས་བྱ་དག་ལ་སློབ་གཉེར་གྱི་ལམ་དུ་སྐྱོད་སྐབས་དཀའ་ངལ་གྱི་མདུན་ནས་འཚུབ་ཆ་མི་ལངས་ཤིང་། ཡིད་ཆད་མི་འབྱུང་བའི་སྤོབས་པ་དང་ལྡན་པའི་སྤྲོ་བ་ཞིག་ལ་ཟེར་བ་རེད།

 

གཡོ་མེད་ཀྱི་དཔངས་མཐོའི་རི་བོ་འདིའི་འགུལ་ན་ཁྱོད་ཀྱིས་བཙན་རྫོང་ཆོས་དང་རྣམ་རྟོག་གི་དུས་མཐའི་རླུང་བུས་སྒུལ་ཙམ་ཡང་མི་ནུས།

བསམ་གཏན།

བསམ་གཏན་ནི་རྣམ་རྟོག་གིས་མི་གཡོ་བར་གཡེང་མེད་དུ་རྩེ་གཅིག་ཏུ་གནས་པ་ལ་ཟེར། སྤྱིར་བཏང་བསམ་གཏན་ལ་རྩ་བ་ནས་བློ་སྦྱངས་མ་མྱོང་མཁན་ཞིག་གིས་རང་སེམས་སྐད་ཅིག་ཙམ་ལ་ཡང་བདག་བཟུང་བྱེད་ཐུབ་དཀའ་ཞིང་། རང་དབང་མེད་པར་རྣམ་རྟོག་གི་དྲ་བ་ཕྱི་རོལ་གྱི་ཁམས་སུ་མཆེད་སླ་བས། གང་ལ་ཡང་མི་གཡེང་བར་དམིགས་བྱ་གཅིག་ལ་ཡིད་གཏད་ཐུབ་པ་ནི་ཕལ་ཆེར་མི་སྲིད་པའི་དཔེ་རེད། ལས་དང་པོ་པའི་ངོས་ནས་བཤད་ན། ས་ཕྱོགས་དབེན་པ་རྣམས་སུ་བསླུ་བྲིད་དང་འུར་ཟིང་མེད་པས། དེ་ནི་ཏིང་འཛིན་གྱི་ཕུགས་བསམ་མངོན་དུ་འགྱུར་སའི་དག་ཞིང་ཡིན། དེའི་ཕྱིར་ན་རྣལ་འབྱོར་གོང་མ་རྣམས་ཀྱིས་ཀྱང་དབེན་གནས་ཀྱི་ཡོན་ཏན་མང་དུ་གསུངས་ཡོད། གལ་ཏེ་ཁྱེད་ཉིད་དུས་ནམ་ཡང་ཕྱིན་ཅི་མ་ལོག་པའི་དམིགས་བྱ་དང་མི་འབྲལ་བར་གནས་ཐུབ་ན། སྒོ་གསུམ་གྱི་བྱ་བ་མཐའ་དག་བསམ་གཏན་གྱི་བྱ་བ་ཡིན་ཆོག

 

རྣོ་མྱུར་གྱི་རལ་གྲི་འདི་ཁྱོད་ཀྱིས་ཕྱག་གིས་ཐོགས་དང་གཉིས་འཛིན་གྱི་དྲྭ་རྒྱ་དུམ་བུར་གཅོད་ཆོག

ཤེས་རབ།

ཤེར་ཕྱིན་སྟོང་པ་ཉིད་ནི་ཡི་གེས་མཚོན་མི་ཐུབ་ཀྱང་། ཚོར་སྣང་གི་ཐོག་ནས་ཚད་མེད་པའི་གུ་ཡངས་ཀྱི་བློ་དང་འདྲ་སྟེ། ངོ་བོ་དྭངས་ཤིང་གསལ་ལ། ཡངས་ཤིང་ཁོད་ཆེ་བ་དང་། མཁྲེགས་འཛིན་དང་ཆགས་ཞེན་སོགས་གང་ཡང་མེད་པས་ཅི་ཡང་མིན་ལ་གང་ཡང་ཡིན་ཆོག་པ་ཞིག་ལ་ཟེར། ཉོན་མོངས་དང་མ་འདྲེས་པའི་བློ་ཡིས་སྦྱིན་པ་དང་ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་བཅས་ཀྱི་ལས་སུ་ཞུགས་ན། ཁྱོད་ཀྱིས་གང་དུའང་རུང་བའི་སྟོང་ཉིད་ཀྱི་དོན་ཟབ་མོ་དེ་ཉིད་ཧ་གོ་བར་འགྱུར་ངེས།

གལ་ཏེ་དངོས་གནས་འཁོར་བ་ན་གནས་པའི་འགྲོ་བ་མཐའ་དག་གི་རང་གཤིས་སངས་རྒྱས་དང་ཁྱད་པར་མེད་པ་ལ་ཡིད་ཆེས་རྙེད་ན། རང་དང་སེམས་ཅན་གྱི་འབྲེལ་བའི་ཐོག་ནས་ང་ཚོ་ལ་སྔར་ནས་གདམས་ང་གཞན་མེད་པ་ཤེས་འོས། བྱང་སེམས་ཀྱི་བསླབ་པ་དེ་ཡང་ཁུངས་མེད་སྒྲོ་འདོགས་ཤིག་ལར་ནས་མིན་པར་དོན་དངོས་སུ་རླབས་ཆེ་བ་ཡིན། སྡོམ་པ་ཞུས་དང་མ་ཞུས་གཉིས་ལ་འགྱུར་བ་ཞིག་བྱུང་བ་དེ་སེམས་ཐོག་གི་འགྱུར་ལྡོག་ཅིག་ལ་ངོས་འཛིན་དགོས། སྡོམ་པ་ལེན་པ་དེས་རང་ཉིད་དང་སེམས་ཅན་གཉིས་སོ་སོར་དབྱེར་མི་འབྱེད་པར་བྱས་ཡོད་པས། ངེས་ཤེས་དེས་ནམ་ཡང་ང་ཚོའི་རྒྱུད་ཀྱི་ཉམ་ཆུང་ཆུང་གི་བྱང་ཆུབ་ཀྱི་སེམས་དེ་མི་ཉམས་པར་སྐུལ་གྱིན་ཡོད། གཞན་དུ་བྱང་ཆུབ་ཀྱི་སེམས་ནི་ས་བོན་ཞིག་ལ་དཔེར་བཞག་ནས། བསླབ་པ་ནི་དེ་ལ་མཐུན་རྐྱེན་དུ་གྱུར་པའི་གཤིན་ས་དང་། ཉི་འོད། ཆར་བ་སོགས་མྱུ་གུ་སྐྱེ་བ་ལ་ཕན་འདོགས་བྱེད་ཀྱི་རྐྱེན་དུ་ངོས་འཛིན་ཡང་གནང་ཡོད་པ་ལྟ་བུ་རེད།

རྒྱུན་ལྡན་མི་རྣམས་ཀྱིས་སྣང་མེད་དུ་བཏང་བའི་ཉམ་ཆུང་གི་བྱང་ཆུབ་སེམས་ནི། ཐེག་ཆེན་ནང་བསྟན་གྱི་ཉམས་ལེན་ཡོད་དོ་ཅོག་གི་རྨང་གཞིའང་ཡིན། འགའ་ཞིག་བདག་ལ་དེ་འདྲའི་བྱང་ཆུབ་སེམས་ཀྱི་བློ་སྦྱོང་ལ་དུས་ཡུན་ཅི་ཙམ་དགོས་སམ་ཞེས་དྲིས་པར། ལན་ནི་ཚེ་རབས་ཀུན་ཏུ་དགོས་སོ་ཞེས་པ་དེ་ཡིན།