༄༅། །སྨོན་ཚིག་བདུད་ལས་རྣམ་པར་རྒྱལ་བའི་ཕྲེང་བ་བཞུགས་སོ། །


  སྟོབས་བཅུའི་དབང་ཕྱུག་ཚེ་དཔག་མེད་མགོན་དང་། །

  ཡེ་ཤེས་ལྔ་ལྡན་མཚོ་སྐྱེས་སྤྲུལ་པའི་སྐུས། །

  ཚེ་བསོད་ཡེ་ཤེས་ཟིལ་མངར་གྲུ་ཆར་རྒྱུན། །

  རི་གཟར་འབབ་ཆུ་བཞིན་དུ་རིངས་པར་ཕོབས། །
 

  རྒྱལ་གསུང་སྙིང་པོའི་ཤེ༵ས་བྱ་སྡེ་སྣོད་གསུམ། །

  མ་རྟོགས་རྨོངས་པའི་ར༵བ་རིབ་འཕྲོག་བྱེད་པའི། །

  མཁས་བཙུན་བཟ༵ང་པོའི་གཟི་འོད་འབུམ་འཕྲོ་བ། །

  བསྟན་འཛིན་རྟ་བདུན་དབང་པོ༵་ཞབས་བརྟན་ཤོག །
 

  བཤེས་གཉེན་ཤེས་རབ་བཟང་པོ་སྲིད་པའི་མིག །

  སྐལ་བཟང་འདབ་བརྒྱ་ཕྱོགས་བརྒྱར་བཞད་པའི་གཉེན། །

  འཆི་བདག་སྒྲ་གཅན་ཁ་ནས་མྱུར་ཐར་ཏེ། །

  ཀུན་དགེའི་སྣང་བས་གླིང་བཞི་མཛེས་གྱུར་ཅིག །
 

  ཅེས་པ་འདི་ཡང་དོན་གཉེར་ཅན་ནས་བསྐུལ་བའི་ངོར་ས་སྐྱ་ཁྲི་ཆེན་པས་སྦྱར་བ་དེ་དེ་བཞིན་དུ་གྱུར་ཅིག །