བཀྲ་ཤིས་ཁྲི་གླིང་རྫོགས་ཆེན་ལྷ་ཁང་གི་སྐུ་རྟེན་རབ་གནས་གསོལ་བ།


 

  དགེ་བའི་བཤེས་གཉེན་ཆེན་མོ་༸མཁན་ཆེན་དམ་པ་ཤེས་རབ་བཟང་པོ་མཆོག་གིས་དམིགས་པ་མེད་པའི་ཐུགས་བསྐྱེད་ཟབ་མོས། གཏིང་མཐའ་མི་མངོན་པའི་ལས་ཉོན་གྱི་རྒྱ་མཚོ་རུ་རྟག་པར་རྩེན་པའི་སྙིགས་དུས་ཀྱི་སྐྱེ་འགྲོ་རྣམས་དམ་ཚིག་ཉམས་ཆག་སོགས་ལས་སྐྱོབ་པ་དང་ཕན་བདེའི་ཞིང་སར་ཉེ་བར་འགོད་ཕྱིར། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་སོགས་ལས་ཇི་སྐད་གསུངས་པ་བཞིན། རྒྱུ་རང་བྱུང་ཆུ་ཤེལ་ལས་གྲུབ་པའི་སྲིད་ན་དཀོན་པའི་རྟེན། དཔལ་རྡོ་རྗེ་སེམས་དཔའི་ལྷ་སྐུ། སྲས་སྒྲ་གཅན་འཛིན་གྱི་སྐུ།  ངོ་མཚར་བའི་མཆོད་རྟེན་བཅས་སྐྱེ་དགུའི་མཆོད་སྡོང་དུ་བཞེངས་ནས་མེ་སྤྲེལ་ལོའི་ཟླ་༤ཚེས་༣༠ཉིན་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་རྫོགས་ཆེན་ལྷ་ཁང་དུ་གདན་དྲངས་པ་དང་། ཉིན་དེར་ངོ་མཚར་བའི་རྟགས་མཚན་དུ་མ་ཀུན་གྱི་མཐུན་སྣང་དུ་གྲུབ། 

  མ་ཟད་གཙུག་ལག་ཁང་འདིའི་ནང་ཟངས་གསེར་ལས་གྲུབ་པའི་རྫོགས་ཆེན་བསྟན་པ་བཅུ་གཉིས་དང་། བཀའ་དྲིན་མཚུངས་ཟླ་དང་བྲལ་བ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་འདྲ་སྐུ་རྒྱུ་ཟངས་གསེར་ལས་གྲུབ་པ་སྟོང་གསུམ་ལ་ཉེ་བ་ཙམ་ཞིག་ལུས་ཅན་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་དམ་པར་བཞུགས་བཀྲ་ཤིས་ཁྲི་གླིང་རྫོགས་ཆེན་ལྷ་ཁང་གི་སྐུ་རྟེན་རབ་གནས་གསོལ་བ། 

  དགེ་བའི་བཤེས་གཉེན་ཆེན་མོ་༸མཁན་ཆེན་དམ་པ་ཤེས་རབ་བཟང་པོ་མཆོག་གིས་དམིགས་པ་མེད་པའི་ཐུགས་བསྐྱེད་ཟབ་མོས། གཏིང་མཐའ་མི་མངོན་པའི་ལས་ཉོན་གྱི་རྒྱ་མཚོ་རུ་རྟག་པར་རྩེན་པའི་སྙིགས་དུས་ཀྱི་སྐྱེ་འགྲོ་རྣམས་དམ་ཚིག་ཉམས་ཆག་སོགས་ལས་སྐྱོབ་པ་དང་ཕན་བདེའི་ཞིང་སར་ཉེ་བར་འགོད་ཕྱིར། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་སོགས་ལས་ཇི་སྐད་གསུངས་པ་བཞིན། རྒྱུ་རང་བྱུང་ཆུ་ཤེལ་ལས་གྲུབ་པའི་སྲིད་ན་དཀོན་པའི་རྟེན། དཔལ་རྡོ་རྗེ་སེམས་དཔའི་ལྷ་སྐུ། སྲས་སྒྲ་གཅན་འཛིན་གྱི་སྐུ།  ངོ་མཚར་བའི་མཆོད་རྟེན་བཅས་སྐྱེ་དགུའི་མཆོད་སྡོང་དུ་བཞེངས་ནས་མེ་སྤྲེལ་ལོའི་ཟླ་༤ཚེས་༣༠ཉིན་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་རྫོགས་ཆེན་ལྷ་ཁང་དུ་གདན་དྲངས་པ་དང་། ཉིན་དེར་ངོ་མཚར་བའི་རྟགས་མཚན་དུ་མ་ཀུན་གྱི་མཐུན་སྣང་དུ་གྲུབ། 

  མ་ཟད་གཙུག་ལག་ཁང་འདིའི་ནང་ཟངས་གསེར་ལས་གྲུབ་པའི་རྫོགས་ཆེན་བསྟན་པ་བཅུ་གཉིས་དང་། བཀའ་དྲིན་མཚུངས་ཟླ་དང་བྲལ་བ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་འདྲ་སྐུ་རྒྱུ་ཟངས་གསེར་ལས་གྲུབ་པ་སྟོང་གསུམ་ལ་ཉེ་བ་ཙམ་ཞིག་ལུས་ཅན་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་དམ་པར་བཞུགས་གསོལ་གནང་། 

  མེ་སྤྲེལ་ལོའི་ཟླ་༥ཚེས་༣རེས་གཟའ་ཕུར་དང་སྐར་མ་རྒྱལ་ཏེ་རྒྱལ་ཕུར་འཕྲོད་སྦྱོར་བཟང་པོའི་ཉིན་མཁན་ཆེན་དམ་པ་ཉིད་དབུར་བཞུགས་ཏེ་རིན་བྲལ་གྱི་རྟེན་མཆོག་དེ་དག་ལ་རབ་གནས་ཀྱི་མེ་ཏོག་གཏོར་བ་དང་། དེར་འཁོད་ཀྱི་སློབ་ཚོགས་རྣམས་ལ་དཀོན་མཆོག་རྗེས་དྲན་དང་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་ལྗགས་ལུང་བསྩལ་བ་དང་བཅས་ཀྱིས་འབྲེལ་ཚད་ཀུན་ཐར་བའི་ཐེམ་སྐས་སུ་བཀྲི་བའི་རྨད་བྱུང་འཕྲིན་ལས་བསྐྱངས་པའོ། །  མེ་སྤྲེལ་ལོའི་ཟླ་༥ཚེས་༣རེས་གཟའ་ཕུར་དང་སྐར་མ་རྒྱལ་ཏེ་རྒྱལ་ཕུར་འཕྲོད་སྦྱོར་བཟང་པོའི་ཉིན་མཁན་ཆེན་དམ་པ་ཉིད་དབུར་བཞུགས་ཏེ་རིན་བྲལ་གྱི་རྟེན་མཆོག་དེ་དག་ལ་རབ་གནས་ཀྱི་མེ་ཏོག་གཏོར་བ་དང་། དེར་འཁོད་ཀྱི་སློབ་ཚོགས་རྣམས་ལ་དཀོན་མཆོག་རྗེས་དྲན་དང་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་ལྗགས་ལུང་བསྩལ་བ་དང་བཅས་ཀྱིས་འབྲེལ་ཚད་ཀུན་ཐར་བའི་ཐེམ་སྐས་སུ་བཀྲི་བའི་རྨད་བྱུང་འཕྲིན་ལས་བསྐྱངས་པའོ། །  


ནང་དོན་འོག་མ།༈ མཚོ་སྐྱེས་རྒ