༄༅། །མཁན་ཆེན་ཤེས་རབ་བཟང་པོར་ཞབས་བརྟན་དུ་གསོལ་བ་ལྷ་དབང་གཡུལ་རྒྱལ་བཞུགས་སོ། །


  བསྟན་པའི་བདག་པོ་སྟོན་པ་ཤཱཀྱའི་རྒྱལ། །

  ཉེ་བའི་སྲས་བརྒྱད་པཎ་གྲུབ་རྗེ་འབངས་གྲོགས། །

  འཕགས་བོད་སྐྱེས་མཆོག་དུ་མའི་རྣམ་རོལ་དུ། །

  ཡོངས་ཤར་ཤེ༵ས་ར༵བ་བཟ༵ང་པོ༵ར་གསོལ་བ་འདེབས། །

 

  གང་མཆོག་ཁ་བ་ཅན་གྱི་བསྟན་འགྲོའི་མགོན། །

  བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་བཞིན། །

  མཆོག་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོ་ཡི། །

  བདེན་མཐུས་བསྐལ་བརྒྱར་ཞབས་བརྟན་བཀྲ་ཤིས་ཤོག།

 

  ཅེས་གསེར་རྟ་བླ་རུང་གི་མཁན་པོ་ཀརྨ་ལྷ་བུ་ལགས་ནས། ཡིད་ངག་གཉིས་བརྒྱུད་ཇི་ལྟར་རིང་བསྐུལ་གནང་བའི་ཐུགས་བཞེད་དུ། དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་འཇིགས་བྲལ་པས་བོད་རྒྱལ་ལོ་༢༡༢༩བོད་ཟླ་༨ཚེས་༢༡ཕྱི་ལོ་༢༠༠༢ཟླ་༩ཚེས་༢༨ཉིན་ཨ་རིའི་གྲོང་ཁྱེར་སི་ཝ་ཏྲ་ནས་བྲིས་པ་དགེའོ། །