༄༅། །ཞབས་བརྟན་གསོལ་འདེབས་བདུད་རྩིའི་དགའ་སྟོན་བཞུགས།


གཏེར་སྟོན་སུརྱའི་མིང་གིས།

  ཨེ་མ་ཧོ༔

  རྒྱལ་བ་ཀུན་གྱི་གསང་གསུམ་དབྱེར་མེད་པ༔

  རིགས་གསུམ་མགོན་གྱི་གར་བསྒྱུར་པདྨ་འབྱུང་༔

  དུས་ཀྱི་སྙིགས་མའི་རུ་འཛིངས་བཟློག་པའི་ཐབས༔

  བྱང་ཆུབ་སེམས་དཔའི་རྣམ་རོལ་ཅི་ཡང་སྟོན༔

  ས་གསུམ་སྐྱེ་དགུ་ཀུན་གྱི་ཅོད་པན་དུ༔

  རྒྱལ་བ་རྣམས་ཀྱི་འོད་ཟེར་གཅིག་བསྡུས་པ༔

  བདུད་སྡེ་ཟིལ་གནོན་དྲེགས་པ་ཡོངས་ཀྱི་གཤེད༔

  ཤེ༵ས་ར༵བ་བཟ༵ང་པོ༵འི་ཞབས་ལ་གསོལ་བ་འདེབས༔

  སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁྲི་ལ་བཞུགས༔

  སྐལ་བཟང་ཀུ་མུད་བཞད་པའི་པད་ཚལ་བཀྲ༔

  ཚེ་དཔག་མེད་ཀྱི་མཛད་པ་ཕྲིན་ལས་ཀྱིས༔

  བསྟན་འགྲོའི་དོན་ཆེན་འགྲུབ་པའི་ཕྲིན་ལས་མཛོད༔

  ལེགས་བཤད་པདྨ་ཀ་རའི་ཕྲེང་བ་ཡིས༔

  སྙིང་རྗེ་ཆེན་པོས་ས་གསུམ་འགེངས་གྱུར་ཅིག༔