༄༅། །རྒྱལ་དབང་ཀརྨ་པ་མཆོག་གིས་མཛད་པའི་ཞབས་བརྟན་གསོལ་འདེབས།


  ཤེ༵ས་དང་ཤེས་བྱའི་དཀྱིལ་འཁོར་ལས། །

  དགོས་པའི་དོན་ཀུན་ར༵བ་སྟོན་པ། །

  མཁས་བཙུན་བཟ༵ང་པོ༵འི་ཡོན་ཏན་འཆང་། །

  དཔལ་ལྡན་བླ་མའི་ཞབས་བརྟན་གསོལ། །

 

  ཞེས་པ་མཁན་པོ་ཤེས་རབ་བཟང་པོའི་ཞབས་བརྟན་ཞིག་དགོས་ཞེས་སྟོབས་ལྡན་དང་བསྟན་དགའ་ཟུང་ནས་བསྐུལ་ངོར་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་ཝཱ་ར་ཎ་སིར་སྦྱར་བའོ།། ༡༣  ༠༡  ༠༨

  


ནང་དོན་འོག་མ།༄༅། །ཞབས་བརྟན་