བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-གསལ་བརྡ།

ས་ཟླའི་ཞིང་སྒྲུབ་ཀྱི་རིང་དུ་ཀུན་གྱིས་ཤ་མི་བཞེས་པར་ཞུ།


༈ རྣམ་དཀར་དགེ་བའི་ལས་ལ་ནམ་ཡང་སྤྲོ་བའི་དད་ལྡན་ཡོངས་ལ་ཆེད་དུ་ཞུ་བྱ།

 

  ད་ལན་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་ས་ཟླའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོག་བཞིན་པའི་སྐབས་འདིར། མཁན་རིན་པོ་ཆེ་ཤེས་རབ་བཟང་པོ་མཆོག་གི་ཐུགས་བཀོད་ལྟར། ཀུན་གྱིས་གཙོ་བོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་འབྲེལ་བའི་སྒོ་ནས་དགེ་བ་རྣམ་དག་ཅིག་བསྒྲུབ་རྒྱུ་དང་ཁྱད་པར་ཉིན་བདུན་གྱི་རིང་ལ་དཀར་ཟས་གཙང་མ་རེ་བཞེས་རྒྱུའི་རེ་ཞུ་ཕུལ་བ་ལགས་ན། ཉིན་འདི་དག་གི་རིང་ལ་ཚོང་ཁང་རྣམས་སུ་ཤ་དང་ཤ་འདྲེས་པའི་ཁ་ཟས་མི་བཙོང་རྒྱུ་དང་། གང་ཟག་སྒེར་རྣམས་ཀྱིས་ཀྱང་ཤ་མི་བཞེས་པའི་བླང་དོར་ཉུང་ངུ་འདི་ད་ལོ་དང་ལོ་ཕྱི་མ་རྣམས་སུ་ཡང་ལག་ལེན་ཚུལ་བཞིན་གནང་རོགས་ཞུ་ཞུ་ཞེས་སྙིང་ཁོང་ནས་གསོལ་བ་བཏབ་པ་ལགས་སོ།།

  ཞེས་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་ཞིང་སྒྲུབ་བཀོད་སྒྲིག་ཚན་ཆུང་ནས་མེ་བྱ་ལོའི་ས་ག་ཟླ་བའི་ཚེས་༢༡ཉིན་གུས་པས་ཕུལ་བའོ།།