བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-གསལ་བརྡ།

མེ་བྱ་ལོའི་ས་ཟླའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ།


 

  དབེན་གནས་བཀྲ་ཤིས་ཁྲི་གླིང་གི་ས་ཟླའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ནི། བོད་ཟླ་བཞི་བ་ས་ག་ཟླ་བའི་ཚེས་༢༤ཉིན་ནས་མགོ་བཟུང་སྟེ་ལོ་དུས་ལྟར་ཉིན་བདུན་གྱི་རིང་ལ་འཚོགས་རྒྱུ། དེ་ཡང་བླ་མ་ཡིད་བཞིན་ནོར་བུའི་ཕྱག་བཞེས་ལྟར་ཉིན་གཅིག་གི་ནང་དུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་འབྲེལ་བའི་ཐུན་བཞིའི་རྣལ་འབྱོར་ལ་བརྩོན་རྒྱུ་ཡིན་ལ། དེ་ལས་སྔ་ཐུན་གཉིས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཕྱག་བཞེས་ལྟར་བཟང་སྤྱོད་སྨོན་ལམ་དང་འབྲེལ་བའི་སྒོ་ནས་འཚོགས་རྒྱུ་དང་། ཕྱི་ཐུན་གཉིས་དཔལ་སྤྲུལ་རིན་པོ་ཆེའི་ཕྱག་བཞེས་ལྟར་ཆགས་མེད་བདེ་སྨོན་དང་འབྲེལ་བའི་སྒོ་ནས་འཚོགས་རྒྱུ་ཡིན།

 

  ཉིན་རེ་བཞིན་སྔ་དྲོ་དུས་ཚོད་9:00ནས་མགོ་བཟུང་སྟེ། ཕྱི་དྲོ་དུས་ཚོད་18:00ནས་མཇུག་གྲོལ་རྒྱུ་ཡིན་ལ། ཐུན་གསེང་རྣམས་སུ་དུས་ཚོད་དང་བསྟུན་ཏེ་ཆོས་ཁྲིད་བསླབ་སྟོན་གནང་རྒྱུ་དང་། མ་ཟད་ཞིང་སྒྲུབ་སྐབས་སུ་ལུས་ཕུང་བདེ་ཐང་དང་། དགེ་བ་ཕུན་སུམ་ཚོགས་པའི་ཆེད་དུ་སྐྱ་སེར་ཐམས་ཅད་ཀྱིས་དཀར་ཟས་ལ་རོལ་རྒྱུ་དང་། རང་གཞན་སེམས་ཅན་རྣམས་ཀྱི་དམ་ཚིག་ཉམས་ཆག་བྱང་ཞིང་འདག་པའི་ཕྱིར་དུ་ཡིག་བརྒྱ་དགེ་སྐུལ་གྱི་ལས་ལ་དམིགས་བསལ་བརྩོན་རྒྱུ་བཅས་ཡིན་པས་དེ་ལུགས་ཀུན་གྱིས་ཐུགས་ལ་ངེས་འཚལ།

 

  དབེན་གནས་བཀྲ་ཤིས་ཁྲི་གླིང་གི་ཞིང་སྒྲུབ་བཀོད་སྒྲིག་ཚན་ཆུང་ནས།2017 6 12