བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-གསལ་བརྡ།

བསྙུང་གནས་གསལ་བརྡ་དང་ཕན་ཡོན་བསྡུས་པ།


 

༈ བསྙུང་གནས་གསལ་བརྡ།

        དེ་ཡང་སྤྱིར་བསྟན་དང་འགྲོ་བའི་བར་ཆད་ཞི་ཞིང་མཐུན་རྐྱེན་འགྲུབ་ཆེད་དང་། དགོས་ཁྱད་པར་དུ་ཉེ་འཁོར་གཙོས་དད་ལྡན་ཕོ་མོ་རྣམས་ཀྱིས་རེ་འདུན་བཞིན་ཁོ་ཚོའི་ཆོས་སྐལ་དུ་དམིགས་ཏེ། ད་ལོ་ཡང་ལོ་སྔ་མ་བཞིན་དུ་རབ་གནས་མེ་བྱ་ཟླ་༧ཚེས་༢༥དང་སྤྱི་ལོ2017ལོའི་ཟླ9ཚེས15ནས་དངོས་སུ་དབུ་བརྩམས་ནས་ཉིན་བརྒྱད་ཀྱི་རིང་དུ༧མཁན་ཆེན་དམ་པ་ཤེས་རབ་བཟང་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་བརྩེ་གཟིགས་འོག   དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱིས་མཐུན་རྐྱེན་ལེགས་པར་སྦྱར་བའི་མཐུ་ལ་བརྟེན་ནས་སྡེ་དགེའི་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བྱམས་ཆེན་གཙུག་ལག་ཁང་དུ་སྨྱུང་གནས་དཀར་པོ་ཆ་བཞི་འཚོགས་རྒྱུ་དང་ཉིན་དགུ་པར་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་འབྲེལ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་བཏབ་ནས་མཇུག་དྲིལ་རྒྱུ་ཡིན། དེའི་རིང་དུ་དད་ལྡན་རང་རང་གི་དུས་ཚོད་ཁོམ་ལོང་དང་བསྟུན་ནས་ཉིན་རེའམ་ཉིན་འགའ། ཉིན་ཆ་ཚང་གང་རུང་ལ་སྒྲུབ་པར་ཞུགས་ཆོག་པས་དེ་ལུགས་ཐུགས་ཀྱིས་འཛིན་པར་ཞུའོ། །

 

 

༈ བསྙུང་གནས་ཀྱི་ཕན་ཡོན་བསྡུས་པ།

        སྨྱུང་གནས་ཚར་གཅིག་བྱས་པས་བསྐལ་བ་བཞི་ཁྲིའི་སྡིག་པ་དག་ཅིང་ལྷ་མིའི་མཆོག་དམ་པ་ཐོབ་པར་འགྱུར། ལན་བརྒྱད་ཀྱིས་རྒྱུན་ཞུགས་དང་ཆ་མཐུན་བདེ་བ་ཅན་དུ་སྐྱེ། ཉེར་ལྔས་ལན་གཅིག་ཕྱིར་འོང་དང་ཆ་མཐུན་བསྐལ་བ་བརྒྱད་ཁྲིའི་སྡིག་པ་འདག ལྔ་བཅུས་ཕྱིར་མི་འོངས་པ་དང་ཆ་མཐུན་བསྐལ་བ་འབུམ་ཕྲག་བརྒྱད་ཀྱི་སྡིག་པ་འདག  བརྒྱ་རྩ་བརྒྱད་ཀྱིས་དགྲ་བཅོམ་པ་དང་ཆ་མཐུན་བསྐལ་བ་བྱེ་བ་ཕྲག་བརྒྱའི་སྡིག་སྒྲིབ་དག་སྟེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །སྒོ་གསུམ་སྨྱུང་བར་གནས་པས་མི་དགེ་བ་བཅུའི་སྡིག་སྒྲིབ་དག ངན་སོང་གསུམ་ལས་ཐར་ཏེ་ས་ལམ་མཐར་ཕྱིན། མཐར་ཐུག་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་དབང་བ་ཡིན་ནོ། །ཞེས་སོགས་གསུངས་སོ། །