བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-འབྲེལ་ཡོད་ངོས་སྦྱོར།

མི་ལོ་ཉི་ཤུའི་གོང་རོལ་གྱི་བླ་རུང་།


  འདུལ་འཛིན་མཁས་གྲུབ་གཉིས་ལྡན་ཆོས་རྗེ་བླ་མའི་སྟོན་འཁོར་དང་སློབ་གླིང་གི་འདུ་ཁང་།

  སྔོན་ཚེ་འཕགས་ཡུལ་དགྲ་བཅོམ་ས་གི་ལྷ།།པདྨའི་སྤྱན་སྔར་རྡོ་རྗེ་བདུད་འཇོམས་རྗེ།།ས་སྐྱ་གོང་དུ་ཀུན་དགའ་རྒྱལ་མཚན་དཔལ།།དགེ་ལྡན་གླིང་དུ་དགེ་ལེགས་དཔལ་བཟང་ཞབས།།མི་ཉག་ཡུལ་དུ་ཀུན་བཟང་ཆོས་གྲགས་སོགས།།མཁས་དང་གྲུབ་བརྙེས་དུ་མའི་ཚུལ་བཟང་ནས།།ཐུབ་བསྟན་རྒྱས་པར་མཛད་ལ་གསོལ་བ་འདེབས།།

  མི་ལོ་ཉི་ཤུའི་ཡར་སྔོན་གྱི་ལྔ་རིག་ནང་བསྟན་སློབ་གླིང་གི་གཙུག་ལག་ཁང་དང་གཡས་ཕྱོགས་འདི་སྐྱབས་རྗེ་བླ་མའི་གཟིམས་ཁང་།

  ཁྲག་འཐུང་བདུད་འཇོམས་རྡོ་རྗེས།ད་སྐབས་ནས་མི་ལོ་བརྒྱ་ཙམ་ན།།སངས་རྒྱས་ཀྱི་བསྟན་པ་མིང་ཙམ་བྱེད།།དེ་རྗེས་ཀྱི་དུས་ཀྱི་སྐབས་ཤིག་ན།།ཁམས་ཕྱོགས་ཀྱི་ཙ་རིའི་གནས་འདབས་སུ།།སྣ་ནམ་པས་སྔགས་ཀྱི་བསྟན་པ་སྐྱོང་།།གྲུབ་མཐའ་ཡི་མེ་རོ་སློང་སྲིད་ན།།སྔ་འགྱུར་གྱི་བསྟན་པ་ཆེས་ཆེར་གསལ།

  ཡང་དར་བསྟན་པའི་ཉི་མ་གནས་འདི་ནས་ཤར་བ།

  སེང་སྤྲུལ་ངེས་དོན་ཆོས་ཀྱི་ཉི་མའི་སྤྱི་གཞི་པདྨའི་ཟབ་གཏེར་གྱི་ཁ་བྱུང་ལས།དབང་གི་ལུང་པ་པད་མ་ཁ་ཕྱེའི་སྟེང་།།གནུབས་དགོན་ཆེན་པོའི་གསེར་བྱ་མཁའ་ལ་ལྡིང་།།སྒྲ་ཆེན་རྣམས་ཀྱིས་གདོང་ལྔ་ཕྱོགས་སུ་ངོམ།།འདབ་ཆགས་རྣམས་ཀྱི་མངའ་དབང་ཕྱོགས་སུ་བསྒྱུར།

  དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་བླ་རུང་མདོའི་ཐོག་མའི་མཆོད་རྟེན་གྱི་རབ་གནས་མཛད་སྒོ

  འཇམ་དཔལ་རྩ་རྒྱུད་ལས།ཡི་གེ་ཨ་མིང་བདག་ཉིད་ཆེ།།སྟོན་པའི་བསྟན་པ་གཅེས་འཛིན་བྱེད།།བློ་ལྡན་ཡོན་ཏན་ཀུན་ཀྱིས་བཀུར།།ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ།།ང་ཡི་བྱང་ཆུབ་མཆོག་འཐོབ་འགྱུར།།སྲིད་པ་གསུམ་གྱི་མཐའ་ཡང་བྱེད།།སྔགས་དང་རྒྱུད་ལ་མངོན་བརྩོན་པས།།གྲགས་པ་འཛིན་པར་ཤེས་པར་བྱ།།

  གླིང་སྐོར་ལ་འབྱོན་བཞིན་པ།