༄༅། ། གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་གིས་མཛད་པའི་ཞབས་བརྟན་གསོལ་འདེབས།


  པདྨའི་རྒྱལ་ཚབ་ལས་རབ་གླིང་པ་ཡི། །

  ཐུགས་ཀྱི་སྲས་མཆོག་ཐབས་དང་ཤེ༵ས་ར༵བ་དོན། །

  རྒྱལ་བའི་ལམ་བཟ༵ང་ཇི་སྙེད་སྟོན་མཛད་པོ༵། །

  དགེ་བའི་བཤེས་གཉེན་ཞབས་ལ་གསོལ་བ་འདེབས། །

  འཆི་མེད་པདྨ་འབྱུང་གནས་ཐུགས་བསྐྱེད་དང་། །

  ཚེ་དཔག་མེད་དང་ཡིད་བཞིན་འཁོར་ལོ་ཡིས། །

  ཐུགས་བསྐྱེད་མཛད་པ་ཇི་ལྟར་སྨོན་བཞིན་དུ། །

  བཤེས་གཉེན་དམ་པ་མཆོག་གི་སྐུ་ཚེ་ཉིད། །

  བར་ཆད་ཀུན་སེལ་བསྟན་འགྲོའི་དཔུང་གཉེན་དུ། །

  འཆི་མེད་དམ་པའི་སྐུ་ཚེ་རབ་བརྟན་ཤོག །

  བསླུ་མེད་མཆོག་གསུམ་རྒྱ་མཚོའི་བྱིན་མཐུ་དང་། །

  བདག་ཅག་ལྷག་བསམ་རྣམ་དག་རེ་འབྲས་ཀྱིས། །

  སྨོན་པ་དེ་དག་རྟག་ཏུ་འཛིན་གྱུར་ཅིག །

 

  ཅེས་པ་འདི་ནི་སྐྱེས་མཆོག་དམ་པ་ལྔ་ཡིས་རྗེས་སུ་བཟུང་བའི་འབྲོག་མི་དཔལ་ཡེ་དང་ཀློང་གསལ་ཟུང་དུ་འཇུག་པའི་སྤྲུལ་པ་དུས་མཐའི་བཙུན་གཟུགས་ལུང་རྟོགས་རྒྱལ་མཚན་གྱིས་བྲིས་པའོ། ། ། །


ནང་དོན་འོག་མ།༄༅། །ཞབས་བརྟན་