༄༅། །མཁན་པོ་ཤེས་རབ་བཟང་པོའི་ཞབས་བརྟན་གསོལ་འདེབས་དྲང་སྲོང་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །


  ཨོྃ་སྭ་སྟི།

  མཚན་གྱི་གཟིས་ཀྱང་འཆི་མེད་རྟག་པའི་གོ །

  བདེ་བླག་སྦྱིན་པའི་བྱེད་པོ་བཅོམ་ལྡན་མ། །

  ཟླ་གཞོན་ལང་ཚོ་གསར་བའི་འཛུམ་ཟེར་གྱིས། །

  མངོན་འདོད་ཀུ་མུད་འདབ་སྟོང་རྒྱས་པར་མཛོད། ། 
 

  རིས་བྲལ་འགྲོ་ལ་རྗེས་བརྩེའི་ཐུགས་བསྐྱེད་ཀྱིས། །

  ཆེར་སྙིགས་རྒུད་པས་གཟིར་བའི་སྐྱེ་འགྲོ་རྣམས། །

  རྣམ་གྲོལ་བྱང་ཆེན་ས་ལ་དབུགས་དབྱུང་སླད། །

  ཁྱོད་ཞབས་གཡུང་དྲུང་རིས་སུ་བརྟན་པར་སྨོན། ། 
 

  མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །

  རྟེན་འབྱུང་རྒྱུ་འབྲས་བསླུ་བ་མེད་པའི་སྟོབས། །

  བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །

  ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག །