ཆར་ནང་གི་གདུགས།


   

      དགའ་འོས་པའི་དོན་དག་ཅིག་ལ། ད་ལམ་༸བླ་མ་རིན་པོ་ཆེ་ཤེས་རབ་བཟང་པོ་མཆོག་གི་ལྗགས་རྩོམ་ཆར་ནང་གི་གདུགས་ཞེས་པའི་དེབ་གསར་ཞིག་ཀུན་གྱི་མིག་གི་དཔྱིད་དང་སེམས་ཀྱི་གསོས་སུ་སྨིན་པ་འདི་ག་སྟེ། འདི་ནི་གཙོ་བོ་ནང་ཆོས་དང་མི་ཚེ་གླེང་བའི་དཔེ་དེབ་ཅིག་ཡིན་སྟབས། སྡུག་བསྔལ་དང་མི་རྟག་པ། ཤེས་བཞིན། བདག་མེད། རྒྱུ་འབྲས། བླ་མ་སོགས་ནི་དེབ་འདིའི་གཙོ་རྒྱུགས་ཀྱི་མིང་ཚིག་ཏུ་གྱུར་ཡོད། སྒང་གཤོང་མི་སྙོམས་པའི་མི་ཚེའི་འགྲོ་ལམ་དུ། རེ་དོགས་དང་སྡུག་བསྔལ་གྱི་དྲག་ཆར་ཇི་ལྟར་བབས་ཀྱང་། བླ་མ་ཁོང་གིས་འདི་ནས་ང་ཚོ་ལ་ཤེས་རབ་ཀྱི་ཆར་གདུགས་བཟང་པོ་ཞིག་གྲ་སྒྲིག་བྱས་འདུག་པས། འུ་ཅག་ལྷན་དུ་ཞེ་ལྷོད་ལྷོད་ངང་ཉི་འོད་ཀྱི་གྲོང་ཁྱེར་འཚོལ་དུ་འགྲོ་བར་བྱ།
 

  ནད་པས་བལྟས་ན་ན་བའི་རིན་ཐང་རྙེད། །

  སློབ་མས་བལྟས་ན་ཡང་དག་ལྟ་བ་རྙེད། །

  དད་པ་ཅན་གྱིས་མན་ངག་ཉིང་ཁུ་རྙེད། །

  དད་མེད་པ་ཡིས་སེམས་ཁམས་ཚན་རིག་རྙེད། །

  རང་གིས་ཀློགས་ལ་གཞན་ལའང་སྤེལ་བྱོས་དང་། །

  ལེགས་སྐྱེས་འདི་ནི་སེམས་ཀྱི་ངལ་སྟེགས་ཡིན། །
 

  ཞེས་མེ་སྤྲེལ་ལོའི་ཟླ་བདུན་པའི་གནམ་གང་ཉིན་གུས་སློབ་པདྨ་དབང་དྲག་གིས་འོས་སུ་སྦྱར་བ་དགེའོ། །  

  

 


ནང་དོན་འོག་མ།༈ མཁན་ཆེན་དམ་པ