རྗེས་དྲན་མུ་ཏིག་ཐོར་བུ།


  རྗེས་དྲན་མུ་ཏིག་ཐོར་བུ་ཞེས་པ་འདི་ནི་སྐྱབས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་སྐུ་ཞི་བར་གཤེགས་ནས་འཁྲུངས་ལོ་ཐེངས་གཉིས་པ་སྟེ་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་(2017)ཡི་ལོར་གང་གི་ཐུགས་སྲས་དམ་པ་མཁན་ཆེན་ཤེས་རབ་བཟང་པོས་རང་གི་རྩ་བའི་བླ་མ་རྗེས་དྲན་གྱི་མཆོད་སྤྲིན་དུ་ཕུལ་བའི་གསུང་ཟིན་རྗེས་དྲན་ཆེད་དེབ་ཅིག་ཡིན་པས། སྙིང་ཉེ་བའི་གྲོགས་པོ་ཁྱེད་རང་ཆེས་ཆེར་བྲེལ་སའི་བྱ་བ་དག་ནི་ཤིན་ཏུ་གལ་ཆེ་བ་འབའ་ཞིག་ཡིན་པ་སྨོས་མ་དགོས་ནའང་། ཁོམ་གསེང་གི་བར་གླགས་རེ་བཙལ་ནས་གསུང་རྩོམ་འདི་ལ་གཟིགས་རྟོག་ལན་རེ་མཛོད་དང་། སྐྱབས་རྗེ་ཡིད་བཞིན་ནོར་བུའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གང་འདྲ་ཞིག་ཡིན་པ་དང་། གང་གི་དགོངས་བཞེད་རྣལ་མ་དེ་གང་འདྲ་ཞིག་ཡིན་པའམ། སློབ་མས་རང་གི་རྡོ་རྗེའི་སློབ་དཔོན་ཇི་ལྟར་བསྟེན་དགོས་པ་སོགས། ཆོས་པ་ཞིག་ལ་ངེས་པར་མཁོ་བའི་གནད་ཀྱི་སྙིང་དོན་དུ་མ་ཞིག་འདིར་མཁན་ཆེན་མཆོག་གིས་དངོས་སམ་བརྒྱུད་ནས་གསལ་སྟོན་གནང་བ་ལགས་ན། དེབ་འདི་ཉིད་དུས་ཚོད་དམིགས་བསལ་འདིར་རིན་ཐང་དམིགས་བསལ་ལྡན་ནོ་ཞེས་འོས་སུ་སྦྱར་བའོ། །

  

  


ནང་དོན་འོག་མ།ཆར་ནང་གི་གདུགས།