བྱང་ཆུབ་གླིང་།-ཉིན་རེའི་ཞལ་གདམས།

མདོ་སྔགས་རིག་མཛོད།

  • 2018-02-01

    སྐྱབས་གནས་དཀོན་མཆོག་གསུམ་གྱི་ཡོན་ཏན་སེམས་ནས་མ་འབོར་བར་གྱུར་ཅིག དཀོན་མཆོག་གསུམ་གྱི་བཀའ་དྲིན་སྐད་ཅིག་གཅིག་ལའང་མ་བརྗེད་པར་གྱུར་ཅིག བླ་མའི་ཐུགས་རྗེ་དང་བྱིན་རླབས་མཐའ་དག་འགྲོ་བའི་རྒྱུད་ལ་འཕོ་བར་གྱུར་ཅིག
    མཁན་ཆེན་ཤེས་རབ་བཟང་པོས།

  • 2018-01-31

    བླ་མའི་ལམ་སྟོན་དང་སྣེ་ཁྲིད་བྱས་པའི་མི་ཚེའི་རྗེས་ཤུལ་དག་ལ་ཕྱིར་མིག་བལྟས་ན། ང་ཚོ་ལ་ད་གཟོད་བླ་མའི་བྱིན་རླབས་ཀྱིས་ས་ཆེན་གང་ཞིང་། འཛམ་གླིང་ཁྱབ་པའི་ངེས་ཤེས་འདྲོང་ཡོང་།
    མཁན་ཆེན་ཤེས་རབ་བཟང་པོས།

  • 2018-01-30

    ཇི་སྲིད་ཉོན་མོངས་དང་སེམས་ཅན་གྱི་མཐའ་མ་ཟད་ཀྱི་བར་དུ། བླ་མ་རྣམས་ཀྱིས་ཉམ་ཐག་པའི་སེམས་ཅན་ང་ཚོའི་རྒྱུད་ན་ཡོད་པའི་ངན་རྟོག་རྣམས། དམིགས་མེད་ཡེ་ཤེས་ཆེན་པོ་དང་གཅིག་ཏུ་འདྲེས་ཐབས་སུ་རོགས་དན་མཛད་པའི་རླབས་ཆེན་གྱི་ཐུགས་བསྐྱེད་དང་མཛད་པ་སྐྱོང་བ་ཡིན།
    མཁན་ཆེན་ཤེས་རབ་བཟང་པོས།

  • 2018-01-29

    གལ་ཏེ་ང་ལ་རང་དབང་ཞིག་ཡོད་ན། ངས་ཡོད་ཚད་ཀྱི་ཡོད་ཚད་བློས་བཏང་ནས་བླ་མ་བཀའ་དྲིན་ཅན་གྱི་འགྲམ་ན་ལོག་འདོད། གལ་ཏེ་ང་ལ་ཐབས་བཀོད་ཅིག་ཡོད་ན། ངས་ཐམས་ཅད་ནས་ཐམས་ཅད་བསྐྱུར་ཏེ་མི་ལོ་ཉི་ཤུའི་སྔར་གྱི་ལོ་ཟླའི་ནང་ཕྱིར་ལ་ལོག་འདོད། རྗེ་ཁོང་ཉིད་མཇལ་དུས་ང་རང་སྔར་བཞིན་བྱིས་པ་ཞིག་དང་འདྲ་བར། ཤིན་ཏུ་རྟབ་རྟབ་པོར་གྱུར་ནས་རང་གིས་ཅི་བྱེད་ཀྱང་ཧ་མི་གོ་བའི་གནས་སུ་ཡོད་པ་སྨོས་མི་དགོས་ཀྱང་། ངའི་སེམས་སུ་བདེ་སྐྱིད་ཀྱི་སྣང་བ་ཅི་ལྟ་བུ་ཞིག་འཆར་བ་ནི་རང་ཉིད་ཁོ་ནས་ཧ་གོ་བ་ཡིན།
    མཁན་ཆེན་ཤེས་རབ་བཟང་པོས།

  • 2018-01-28

    ཚེ་སྔོན་མར་ཚོགས་མང་དུ་བསགས་པ་ལ་བརྟེན་ནས་ཚེ་འདིར་ང་ཚོ་བླ་མ་དང་མཇལ་བ་ཡིན། ཡིན་ནའང་འདི་འདྲའི་མཇལ་འཛོམས་ཀྱི་སྐལ་བ་ནི་ཤིན་ཏུ་ཐུང་བས། གང་ཉིད་འཇིག་རྟེན་དུ་སྐུ་འཚོ་ཞིང་བཞུགས་པའི་ཡུན་དུ། ཅིས་ཀྱང་གུས་རྟག་བརྩོན་པས་བསྟེན་རྒྱུ་དང་། ཅི་གསུང་བཀའ་བཞིན་དུ་བསྒྲུབས་ནས་བླ་མའི་ཐུགས་མཉེས་པར་བྱ་དགོས།
    མཁན་ཆེན་ཤེས་རབ་བཟང་པོས།

  • 2018-01-27

    བླ་མ་སངས་རྒྱས་ཡིན་ཡང་། དེ་ནི་འདུ་ཁང་ནང་དུ་བཞུགས་པའི་གསེར་འོད་ལམ་ལམ་གྱི་སྐུ་འདྲ་དེ་མ་རེད། སངས་རྒྱས་མི་ཡི་གར་དུ་རོལ་ནས་ཕལ་པ་བཞིན་དུ་སྐྱེ་རྒ་ན་འཆི་དང་། དགའ་སྐྱོའི་རྣམ་འགྱུར་སྟོན་པ་ལ་དོན་སྙིང་ཆེས་ཆེར་ལྡན་པ་ཡིན།
    མཁན་ཆེན་ཤེས་རབ་བཟང་པོས།

  • 2018-01-26

    སྔོན་བྱོན་དམ་པ་རྣམས་ཀྱིས་སློབ་མས་བླ་མའི་མདུན་ནས་ཆོས་ཉམས་སུ་ལེན་སྟངས་དེ། གྲུ་པ་དག་མཚོ་འགྲམ་གྱི་མི་རྣམས་ཀྱིས་ཇི་ལྟར་ཕར་འབོད་ཚུར་འབོད་བྱས་ཀྱང་སེམས་ལ་ཕོག་ཐུག་མེད་པ་དེ་ལྟ་བུ་ཞིག་དགོས་གསུངས་པ་རེད།
    མཁན་ཆེན་ཤེས་རབ་བཟང་པོས།

  • 2018-01-25

    ང་ཚོའི་རྒྱུད་ཀྱི་སོ་སོའི་སྐྱེ་བོའི་ཀུན་རྟོག་དེ་ཉིད་ཤུགས་ཇེ་ཞན་དུ་བཏང་ནས། སེམས་རྒྱ་ཡངས་པོར་བསྐྱེད་པ་དེ་བླ་མའི་མཛད་པ་ཞིག་ཡིན།
    མཁན་ཆེན་ཤེས་རབ་བཟང་པོས།

  • 2018-01-24

    ཆོས་ཉམས་ལེན་གྱི་གོ་རིམ་ཁྲོད་ནས་རང་ཉིད་ལམ་གོལ་དུ་འགྲོ་བཞིན་ཡོད་མེད་མ་ཤེས་ན། སྔར་དང་བསྡུར་ན། ཁྱོད་ཀྱི་བདག་འཛིན་གྱི་བསམ་བློ་སྔར་བཞིན་ཤུགས་དྲག་པོ་རེད་དང་མ་རེད། བདག་གཞན་གྱི་དབྱེ་མཚམས་དེ་སྔར་བཞིན་ཁ་ཐག་རིང་པོ་བྱས་འདུག་དང་མི་འདུག་དེ་ལ་བལྟས་པས་ཤེས་པ་ཡིན།
    མཁན་ཆེན་ཤེས་རབ་བཟང་པོས།

  • 2018-01-23

    ང་ཚོས་སྒེར་འདོད་ཀྱི་བྱ་བ་སྒྲུབ་པ་ནི་སྒེར་ཕན་སྒྲུབ་པ་ཡིན་པའི་ཡིད་ཆེས་བྱེད་ཀྱིན་ཡོད་པས། བློ་ཁོག་ཡངས་པོར་བསྐྱེད་དེ་འཇིག་རྟེན་ལ་བལྟ་བ་དང་འཇིག་རྟེན་དང་འབྲེལ་འདྲིས་ཐུབ་དཀའ་བར་གྱུར་ཡོད།
    མཁན་ཆེན་ཤེས་རབ་བཟང་པོས།